Entries by TibetAdmin

Trungkar Sponsors

Tashi Delek,  On behalf of TAA , executives would like to sincerely thank all the volunteers, sponsors, donors and all the soccer players. A big thank you to Geshe la and […]

EChatrel – ONLINE PAYMENT FOR CHATREL (GREENBOOK)

དྲ་རྒྱའི་ཐོག་ནས་དཔྱ་ཁྲལ་ལག་དེབ་ལྗང་ཁུའི་དངུལ་འབབ་བསྡུ་ཐབས་ཡོང་བའི་གཏམ་བཟང་། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གསལ་བསྒྲགས་སྔོན་ཞུས་ལྟར། སྔ་ལོ་ ༢༠༢༠ ཕྱི་ཟླ་ ༦ ནང་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་ ༼དྲ་ཐོག་དཔྱ་ཁྲལ༽ ཞེས་པ་ཕྱིན་ཆད་བོད་མི་རྣམས་ནས་ལོ་རེའི་དཔྱ་དངུལ་འབུལ་བར་དངོས་སུ་མི་འགྲོ་མི་དགོས་པར་དྲ་ལམ་བརྒྱུད་དཔྱ་ཁྲལ་འབུལ་ཐབས་ཡོང་བའི་ལས་འཆར་ཞིག་འགོ་འཛུགས་ཀྱིས་ད་ཆ་འཆར་གཞི་གཞི་བཟུང་ཕྱི་ལོ ༢༠༢༡ ཟླ ༤།༥ ནང་ལས་གཞི་དངོས་སུ་ལག་བསྟར་དང་སྦྲགས་ཐད་ཀར་དྲ་ཐོག་དཔྱ་དངུལ་འབུལ་ཐུབ་པ་ཡོང་རྒྱུ་དང་། དེའི་ཆེད། དང་ཐོག་དོ་བདག་གི་རྒྱབ་ལྗོངས་གནས་ཚུལ་དངོས་འབྲེལ་ཡིན་མིན་ཞིབ་བཤེར་ཆེད་གཱུགཱལ་གློག་འཕྲིན་ཁ་བྱང་ gmail ངེས་པར་དུ་དགོས་རྒྱུ། བྱང་ཨ་རིར་གནས་སྡོད་བོད་མི་རྣམས་ནས་གཤམ་གསལ་དྲ་ཐག་ལ་མནོན་ཏེ་དེའི་ནང་དགོས་ངེས་ཀྱི་གནས་ཚུལ་རྣམས་དགང་དགོས། https://docs.google.com/forms/d/1gsOsRr01xaMQxznUSdeG7lxHZ3Sd5LqtIxjhfnLaCpw/viewform?edit_requested=true ༡།        དཔྱ་ཁྲལ་ལག་དེབ་ཨང་གྲངས། ༢།         སྐྱེས་ཚེས། ༣།         གཱུགཱལ་གློག་འཕྲིན་ཁ་བྱང་། gmail དབུས་བོད་མིའི་སྒྲིག་འཛུགས་ལ་བོད་མི་གང་མང་མང་གི་གནས་ཚུལ་རྣམས་ད་ལྟ་ནས་ཇི་ཙམ་གྱིས་སྔ་བར་འབྱོར་བ་དེ་རྩིས་ཀྱིས་གནས་ཚུལ་ཁག་དག་བཤེར་གྱིས་དྲ་མཛོད་ database ནང་འཇུག་ཐུབ་པ་དང་། རྗེས་མར་ཕྱི་ཟླ་ ༤ དངོས་སུ་དྲ་ཐོག་དཔྱ་དངུལ་འབུལ་རྒྱུ་ཡོང་སྐབས་གཞི་ནས་གནས་ཚུལ་ནང་འཇུག་བྱེད་མི་དགོས་པར་འཕྲལ་དུ་དྲ་ཐོག་དཔྱ་དངུལ་འབུལ་ཐུབ་པའི་དགེ་མཚན་ཡོད། Please see below announcement from Depart of Finance, CTA regarding Online payment option for Chatrel (Greenbook) contribution called EChatrel. “Dept […]

Losar Sangweh Deakar

འཆར་ལ་ཉེ་བའི་ལོ་གསར་གྱི་ལས་འགུལ་ཆུང་ཆུང་ཞིག ནད་ཡམས་ཀྱི་སྨག་རུམ་འཁྲིགས་ཤིང་སྤྱི་ཚོགས་ཀྱི་འབྲེལ་ཐག་རྒྱང་བའི་དུས་འདིར། ཚོགས་པའི་ངོས་ནས་བོད་མི་ཕན་ཚུན་ངོ་ཤེས་ཡོང་ཡ་དང་མཐུན་འབྲེལ་ གྱི་ཟམ་པ་འཛུགས་ཐབས་སུ་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་དང་བསྟུན་ ༼གསང་བའི་འབྲས་དཀར་༽ ཞེས་པའི་ལག་རྟགས་སྤྲོད་རེས་ཀྱི་ལས་འགུལ་ཆུང་ ཆུང་ཞིག་སྤེལ་རྒྱུ་ཡིན་ན། མི་མང་གང་མང་གིས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ། གཤམ་གྱི་དྲ་ཐག་འདི་ལ་མནོན་ན་ཞིབ་ཕྲ་བརྙན་ལམ་བརྒྱུད་མཇལ་རྒྱུ་ ཡོད། https://youtu.be/FEtPae24s0I དེ་ཡང་། ༡། ལས་འགུལ་ནང་མཉམ་ཞུགས་བྱ་འདོད་ཡོད་མཁན་ཚོས་ ༢༠༢༡ ཕྱི་ཟླ་ ༡ ཚེས་ ༣༡ གོང་ཚོགས་པའི་གློག་འཕྲིན་ཁ་བྱང་ albertatibetan@gmail.com  ངམ་ཡང་ན་རྒྱུན་ལས་སུ་རུང་ལ་འབྲེལ་བ་བྱེད་དེ་མིང་ཐོ་འབུལ་དགོས་རྒྱུ། ༢། མིང་ཐོ་འབྱོར་བ་རྣམས་ཕན་ཚུན་སུ་དང་སུའི་དབར་ལག་རྟགས་སྤྲོད་རེས་བྱེད་དགོས་མིན་རྒྱན་དཀྲུག་གིས་དོ་བདག་སོ་སོར་བརྡ་ལན་འབུལ་རྒྱུ། ༣། མཉམ་ཞུགས་བྱེད་མཁན་ཚོས་སྒོར་ ༢༠ ནས་ ༢༥ རིན་ཐང་གི་ལག་རྟགས་ཉོས་ཏེ། ༢༠༢༡ ཕྱི་ཟླ་ ༢ ཚེས་ […]

COVID Task Team

Tashi Delek, We hope everyone is keeping well. TAA is initiating a Covid Task Team to help all Tibetans in our community facing hardship during pandemic. We respect individuals’ privacy […]