Loading Events

« All Events

  • This event has passed.

Public talk on Wellness, Healing, longevity and Peace for Individual and Society

June 11 @ 10:00 am - June 12 @ 12:00 pm

June 11: Develop kindness and compassion to promote long life, good health and wisdom which will bring peace and harmony in the society.

June 12: Session for all youth and children at the Sunday school.

༄༅། །ཤ་རུས་གཅིག་པའི་ཨལ་བྷར་ཊའི་བོད་རིགས་སྤུན་ཟླ་ཡོངས་ལ།

ཆེད་ཞུ། ཨལ་བྷར་ཊ་བོད་རིགས་མཐུན་ཚོགས་ཀྱིས་གསོལ་འདེབས་ཞུ་དོན་ལྟར་ལུང་རྟོགས་བསྟན་པའི་རྒྱལ་མཚན་འཛིན་པའི་ཆོས་སྡེ་ཆེན་པོ་དཔལ་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ ༢༠༢༢ ཕྱི་ཟླ་ ༦ ཚེས་ ༡༡།༡༢ ལ་ང་ཚོའི་ས་གནས་ཀེལ་གྷེ་རིར་ཞབས་སོར་འཁོད་རྒྱུའི་ཞལ་བཞེས་ཐོབ་པ་ལྟར། ཕྱི་ཟླ་ ༦ ཚེས་ ༡༡ ཞོགས་པ་ཆུ་ཚོད་ ༡༠ ཐོག་གཟའ་མཇུག་སློབ་གྲྭ་ཚུགས་ཡུལ་ Kerby ལྟེ་གནས་ཁང་དུ་སྒྲོལ་དཀར་གྱི་ཚེ་དབང་བཀྲིན་བསྩལ་རྒྱུ་ཡིན་པ་མ་ཟད་ཚེ་དབང་གྲུབ་མཚམས་མང་ཚོགས་དང་བོད་ཕྲུག་རྣམས་ལ་བླང་དོར་བཀའ་སློབ་ཀྱང་བསྩལ་རྒྱུ་ཡིན་ལགས་ན། ལྟེ་གནས་ཁང་གཡས་གཡོན་དུ་དུ་མོ་ཊ་འཇོག་ས་ཡོད་པ་མ་ཟད། མེ་འཁོར་བབས་ཚུགས་ཀྱང་ལྟེ་གནས་ཁང་གི་མདུན་ངོས་རང་ལ་ཡོད་པར་སོང་སྟབས་གང་བདེ་ཡོང་ཐབས་གོ་སྒྲིག་ཞུ་ཁུལ་ཡིན། ཞིབ་ཕྲའི་མཛད་རིམ་རིམ་པས་མང་ཚོགས་ལ་གསལ་བསྒྲགས་ཡོང་རྒྱུ་བཅས། ཨལ་བྷར་ཊ་བོད་རིགས་མཐུན་ཚོགས་ནས། །

 

Details

Start:
June 11 @ 10:00 am
End:
June 12 @ 12:00 pm