COVID Task Team

Tashi Delek,

We hope everyone is keeping well.

TAA is initiating a Covid Task Team to help all Tibetans in our community facing hardship during pandemic.

We respect individuals’ privacy and we will ensure that any information shared to the Task Team will be kept private to protect the privacy of the affected individuals.

To support all Tibetans and especially those who are affected, we have come up with the following task to help the best way we can. 

1. Shopping for Groceries/Meals or other Essential items – Help covid patients or senior living alone or patient/s who are living with families that are affected.

2. Translator at Hospitals – Will arrange interpreter at different hospital for covid patient or for anyone who need to go for Test for covid (AHS will be notified for interpreter)

3. EI, CRB, CRCB, CRSB and Bi-weekly EI report – Help with applying for EI, CERB and Bi-weekly EI report to those who have lost their income due to covid.

If you or your family member or anyone you know are affected by covid and need help, please contact any one of us via phone or text. Or you can email us at albertatibetan@gmail.com.

Tenzin Chodak at 403-606-1772, Tsering Chophel at 403-991-8462, Lobsang Thinley at 587-707-6144, Tseten Yeshi at 403-401-7613, Tseten Tashi at 403-975-0780,  Lobsang Gaden at 403-613-4263, Sonam Chodon at 403-471-1124.

If anyone would like to volunteer as part of the team, please email albertatibetan@gmail.com

༄༅། །ཤ་རུས་གཅིག་པའི་སྤུན་ཟླ་རྣམ་པ་སྐུ་གཟུགས་ཐུགས་ལྕགས་གནང་གི་ཡོད་པའི་རེ་བ་དང་སྦྲགས། ད་རེས་ཚོགས་པའི་ངོས་ནས་ཏོག་དབྱིབས་ནད་ཡམས་ རོགས་སྐྱོར་ལས་འཆར་ཞིག་སྤེལ་རྒྱུ་ཡིན་ལགས་ན། གཤམ་གསལ་ནད་ཡམས་ཕོག་པའམ་རོགས་སྐྱོར་དགོས་རིགས་རྣམས་ནས་རྒྱུན་ལས་སུ་རུང་ལ་ངེས་པར་དུ་ འབྲེལ་བ་གནང་རོགས་ཞུ་རྒྱུ་ཡིན། ང་ཚོ་ཚོགས་པའི་ངོས་ནས་དོ་བདག་སྒེར་གྱི་གནས་ཚུལ་དང་འཕྲོད་བསྟེན་ལོ་རྒྱུས་ཇི་སྙེད་སུ་ལའང་གསལ་དཀྲོལ་མ་བྱེད་པར་ གསང་བ་དམ་འཛིན་བྱ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།  དེ་ཡང་།

༡༽    ཁྱིམ་ཚང་ངམ་དོ་བདག་སྒེར་ལ་ནད་ཡམས་ཕོག་པ་དང་། དེ་བཞིན་རྒན་རྒོན་དང་ཁེར་རྐྱང་སུ་རུང་ལ་བཟའ་བཅའ་འམ་རྒྱུན་མཁོའི་ཉོ་ཆ་རྒྱག་རྒྱུར་ མཐུན་འགྱུར་རོགས་རམ་ཞུ་རྒྱུ།

༢༽  སྨན་ཁང་ལ་ལུས་པའམ་ཡང་ན་ཨམ་རྗེ་བསྟེན་གཏུགས་སྐབས་སྐད་སྒྱུར་གྱི་རོགས་རམ་དགོས་རིགས་ལ་རོགས་ཕན་བྱ་རྒྱུ།

༣༽  ནད་ཡམས་རྐྱེན་པས་ཟུར་འགག་སྡོད་དགོས་རིགས་ལ་མངའ་སྡེ་འམ་དབུས་གཞུང་གི་རོགས་རམ་ཞུ་དགོས་དང་། ལས་ཀ་ཤོར་བ་རྣམས་ལ་ལས་ཀའི་ གུན་གསབ་ (Employment Insurance, EI) ཞུ་དགོས་རིགས་ལ་སྙན་ཞུ་དང་ཡིག་ཆའི་རོགས་སྐྱོར་ཞུ་རྒྱུ་བཅས།

གལ་ཏེ་ཁྱེད་ཀྱི་ནང་མི་དང་ཡང་ན་ངོ་ཤེས་སུ་རུང་ལ་འདི་འདྲའི་རོགས་སྐྱོར་དགོས་མཁོ་ཡོད་ཚེ་གཤམ་དུ་རྒྱུན་ལས་རེ་རེའི་མིང་དང་ཁ་པར་ཨང་གྲངས་བཀོད་ཡོད་པས་སུ་ལའང་འབྲེལ་བ་བྱེད་ཀྱང་འཕྲལ་དུ་རོགས་རམ་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ། དེ་མིན་ཚོགས་པའི་གློག་འཕྲིན་ཁ་བྱང་ albertatibetan@gmail.com ལ་འབྲེལ་བ་བྱེད་ཀྱང་ཆོག

ལས་འགུལ་འདིའི་ཆེད་དྭངས་བླངས་ཞབས་ཞུ་བ་མེད་དུ་མི་རུང་ལ་བརྟེན། དྭངས་བླངས་ཞུ་འདོད་ཡོད་རིགས་ནས་གློག་འཕྲིན་བརྒྱུད་ albertatibetan@gmail.com དང་། ཡང་ན་རྒྱུན་ལས་སུ་རུང་ལ་ངེས་པར་དུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

ང་ཚོས་སྤྱིའི་ཁེ་ཕན་བསྒྲུབ་ཆེད་མཉམ་རུབ་ཀྱིས་ནུས་པ་གཅིག་ཏུ་སྤུངས་རྒྱུ་ནི་དུས་ཀྱི་དགོས་མཁོ་ཅི་ལ་མིན།
ཚང་མ་ལ་ཐུགས་རྗེ་ཆེ།

ཨལ་བྷ་ཊ་བོད་རིགས་མཐུན་ཚོགས་ནས། །

0 replies

Leave a Reply

Want to join the discussion?
Feel free to contribute!

Leave a Reply