Losar Sangweh Deakar

འཆར་ལ་ཉེ་བའི་ལོ་གསར་གྱི་ལས་འགུལ་ཆུང་ཆུང་ཞིག

ནད་ཡམས་ཀྱི་སྨག་རུམ་འཁྲིགས་ཤིང་སྤྱི་ཚོགས་ཀྱི་འབྲེལ་ཐག་རྒྱང་བའི་དུས་འདིར། ཚོགས་པའི་ངོས་ནས་བོད་མི་ཕན་ཚུན་ངོ་ཤེས་ཡོང་ཡ་དང་མཐུན་འབྲེལ་ གྱི་ཟམ་པ་འཛུགས་ཐབས་སུ་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་དང་བསྟུན་ ༼གསང་བའི་འབྲས་དཀར་༽ ཞེས་པའི་ལག་རྟགས་སྤྲོད་རེས་ཀྱི་ལས་འགུལ་ཆུང་ ཆུང་ཞིག་སྤེལ་རྒྱུ་ཡིན་ན། མི་མང་གང་མང་གིས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ། གཤམ་གྱི་དྲ་ཐག་འདི་ལ་མནོན་ན་ཞིབ་ཕྲ་བརྙན་ལམ་བརྒྱུད་མཇལ་རྒྱུ་ ཡོད། https://youtu.be/FEtPae24s0I དེ་ཡང་།

༡། ལས་འགུལ་ནང་མཉམ་ཞུགས་བྱ་འདོད་ཡོད་མཁན་ཚོས་ ༢༠༢༡ ཕྱི་ཟླ་ ༡ ཚེས་ ༣༡ གོང་ཚོགས་པའི་གློག་འཕྲིན་ཁ་བྱང་ albertatibetan@gmail.com  ངམ་ཡང་ན་རྒྱུན་ལས་སུ་རུང་ལ་འབྲེལ་བ་བྱེད་དེ་མིང་ཐོ་འབུལ་དགོས་རྒྱུ།

༢། མིང་ཐོ་འབྱོར་བ་རྣམས་ཕན་ཚུན་སུ་དང་སུའི་དབར་ལག་རྟགས་སྤྲོད་རེས་བྱེད་དགོས་མིན་རྒྱན་དཀྲུག་གིས་དོ་བདག་སོ་སོར་བརྡ་ལན་འབུལ་རྒྱུ།

༣། མཉམ་ཞུགས་བྱེད་མཁན་ཚོས་སྒོར་ ༢༠ ནས་ ༢༥ རིན་ཐང་གི་ལག་རྟགས་ཉོས་ཏེ། ༢༠༢༡ ཕྱི་ཟླ་ ༢ ཚེས་ ༦ མ་འགྱངས་པར་སྤྱི་ཁང་ 2339 16a St SE, Calgary T2G1P9 ལ་བསྐྱེལ་དགོས། མོ་ཊ་མི་གཏོང་མཁན་དང་དེ་མིན་སྤྱི་ཁང་ལ་ཕེབས་མ་ཐུབ་མཁན་ཡོད་ན་               རྒྱུན་ལས་ ཐད་ཀར་དོ་བདག་གི་ནང་ལ་བཅར་ཏེ་ལགས་རྟགས་བསྡུ་ལེན་གྱི་མཐུན་འགྱུར་ཞུ་རྒྱུ།

༤།            དེ་ནས་ཉིན་ཤས་རིང་ལག་རྟགས་རྣམས་སྤྱི་ཁང་ལ་ཟུར་འཇོག་གིས་འབུ་སྨན་གཙང་ཕྱིས་བྱ་རྒྱུ།

༥།            མཐར་ ༢༠༢༡ ཕྱི་ཟླ་ ༢ ཚེས་ ༡༣ ལོ་གསར་ཚེས་ ༢ ཉིན་མཉམ་ཞུགས་བྱེད་མཁན་རེ་རེའི་སར་རྒྱུན་ལས་ནས་ལག་རྟགས་རྣམས་བསྐྱེལ་བར་ཡོང་རྒྱུ།

གོང་གསལ་ལས་འགུལ་དང་འབྲེལ་བའི་དོགས་དྲི་སོགས་ཇི་ཡོད་ཚོགས་པའི་རྒྱུན་ལས་སུ་རུང་ལ་ཁ་པར་རམ་འཕྲིན་ལམ་ནས་འབྲེལ་བ་གནང་རོགས།

ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་ཚོས་སྤྱི་ཁང་ལ་ལག་རྟགས་བསྐྱེལ་ཆེད་བློ་ཆོས་ལགས་སྤྱི་ཁང་ལ་བཅའ་བཞུགས་ཡིན་པས་ཁོང་གི་ཁ་པར་ཨང་

(༥༨༧)༧༡༨-༡༩༥༩ ཐོག་འབྲེལ་བ་ཞུ་འཐུས།

 ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱི་དུས་ཚོད་དཀའ་ངལ་ཅན་འདིར་ཁྱེད་རྣམ་པའི་ཞལ་རས་ལ་འཛུམ་མདངས་ཕྲན་བུ་ཞིག་འབྱིན་ཐུབ་པའི་རེ་བ་དང་བཅས།

Upcoming Losar fun!

To bring all Tibetans closer and connect with each other in our community, we bring to you a little fun program for this coming Tibetan Losar.

Losar Sangweh Deakar!

What that means is, we will have a secret gift exchange. We invite Tibetans of all ages to participate in this fun event. Please see the video link here for more detailed information  

Please see below program;

1.       Gift cost should be between $20 -$25.

2.       Send email by January 312021 to albertatibetan@gmail.com to sign up or contact any executives to sign up. (Please specify the age group)

3.       We will draw the names for each person to exchange gifts with and will inform you individually.

4.       Gift should be dropped by February 6, 2021 at Chikhang at 2339 16a St SE, Calgary T2G1P9 

        OR let us know to pick it up from your place if you are unable to drop.  

5.       We will sanitize the gifts and leave it at Chikhang for a few days. 

6.       We will deliver the gifts on 2nd day of Losar, February 13, 2021 to all individuals who signed up. 

We hope everyone will participate in this program and will have some fun during this difficult time.  If you have any questions or need more information, please email us at albertatibetan@gmail.com or contact any one of us at  Tenzin Chodak at 403-606-1772, Tsering Chophel at 403-991-8462, Lobsang Thinley at 587-707-6144, Tseten Yeshi at 403-401-7613, Tseten Tashi at 403-975-0780,  Lobsang Genden at 403-613-4263, Sonam Chodon at 403-471-1124. 

To drop your gift or if leaving it outside, please inform Lochoe la at 587-718-1959, Chikhang address (2339 16a St SE, Calgary T2G1P9).   

0 replies

Leave a Reply

Want to join the discussion?
Feel free to contribute!

Leave a Reply